༄།རིས་མེད་ཆོས་བརྒྱུད་ལ་བསྔགས་པ་གཞན་གསོས་མགྲིན་དབྱངས་དག་སྣང་དཔྱིད་ཀྱི་དཔལ་ཡོན་འགུགས་པའི་ཕོ་ཉ་བཞུགས།།
གནའ་བོའི་མཆོད་གནས་གཤེན་རབ་ཀེ་ལ་ཤའི།།
ཐུགས་བསྐྱེད་ཁ་འབབས་རྣམས་བཞི་ལས་འོང་བའི།།
བོན་རྩིས་སྨན་དང་ཕྱྭ་གཡང་དག་བྱེད་གཏེར།།
གངས་ལྗོངས་ཕན་བདེའི་དབྱིག་འཛིན་ཨེ་མ་རྨད།།