༄།    བལ་བྲིས་དང་བྱིའུ་སྒང་ལུགས་ཀྱི་ཐང་ཀ་བརྒྱུད་འཛིན་པ་གྲགས་པ་བསྟན་འཛིན་འམ་བསྡུས་མིང་གྲགས་བསྟན་གྱི་ངོ་སྤྲོད་མདོར་བསྡུས།།

༄། བལ་བྲིས་དང་བྱིའུ་སྒང་ལུགས་ཀྱི་ཐང་ཀ་བརྒྱུད་འཛིན་པ་གྲགས་པ་བསྟན་འཛིན་འམ་བསྡུས་མིང་གྲགས་བསྟན་གྱི་ངོ་སྤྲོད་མདོར་བསྡུས།།

གྲགས་བསྟན་ནི་སྤྱི་ལོ༡༩༨༤ལོ་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གི་ཉེ་འདབས་ས་མདོ་གྲོང་བརྡལ་མཛེས་ཐང་ཁ་གྲོང་ཚོ་ཞབས་ཚ་ཚང་དུ་སྐུ་འཁྲུངས་ཤིང་  ཆུང་ངུའི་དུས་ནས་བྱིས་པའི་རྩེད་མོ་གཞན་དང་མི་འདྲ་བར་ལྷ་འབྲི་བཞེངས་སོགས་ཀྱི་རྩེད་མོར་གཡེང་ཞིང་ཡ་རབས་བསམ་སྤྱོད་ཁོ་ནས་གཏམས་པའི་ཀུན་གྱི་ཡིད་སྨོན་དང་ངོ་མཚར་དུ་འཛིན།   ༡༽སློབ་སྦྱོང་བྱས་ལུགས་ནི།  བསྒྲང་བྱ་དྲུག་གི་ཐོག་ནས་ཡབ་དོན་རྒྱལ་མདུན་ནས་བོད་ཡིག་ཀློག་བསླབ་ཅིང་སློབ་ཞོར་ལྷ་བྲིས་ཀྱི་ཐིག་རྩ་སོགས་སྦྱང་།   ཞོར་དུ་ཕ་ཡུལ་གཅིག་པའི་ཚེ་རིང་མདུན་ནས་རྒྱན་རིས་སྣ་མིན་་སྦྱང་།  ༡༩༩༩ ལོ་ནས་འགོ་བཟུང་ལྡོང་ཚང་དགེ་རྒན་གཡུང་དྲུང་ཉི་མ་དང་བོད་ལྗོངས་རྟེན་རྫས་གཤམས་མཛོད་ཁང་གི་ཨ་བཟང་སྨོན་ལམ་ཀར་ཤོད་ཀརྨ་བདེ་ལེགས་ཁྲིན་འདུ་འཇིམ་བཟོ་བློ་བཟང་སློབ་འབྲིང་རྒན་བྱམས་ཉི་གཙོས་ས་ཕྱོགས་གང་སར་ནས་དགེ་རྒན་བཅུ་ལྷག་ལོ་ངོ་མང་པོར་བརྟེན་པ་བརྒྱུད་ལྷ་འབྲི་ལུགས་སྨན་གསར་རྙིང་སྒར་བྲིས་སྣུམ་མཚོན་ཆུ་མཚོན་རི་མོ་སོགས་དང་གཞན་སྐུ་བཅའ་རྒྱུ་ཁང་པའི་མཛེས་བཟོ་བཅའ་བླུག་རྩིས་འཕྲུལ་ཐོག་ནས་རྒྱན་རིས་བཟོ་རྒྱུ་ལ་སོགས་པ་ནང་བྱན་ཆུད་པ་སྦྱང་༢༠༠༤ནས་འགོ་བཟུང་ཟི་ཁྲོན་མཚོ་སྔོན་ནག་ཆུ་དང་ཉེ་འཁོར་རྫོང་ཁག་དང་རི་བོ་ཆེ་དགོན་པའི་ཁྲ་འཁྱིལ་མ་སྐུ་འབུམ་སོགས་སུ་ལྡེབས་རིས་དང་ཤིང་མཚོན་བྲིས།   མ་ཟད་ཐང་ཁ་རྒྱལ་ཕྱི་ནང་མང་པོ་ལའང་བྲིས།    ༢༽   བྱ་དགའ་ཐོབ་ཚུལ་ནི།   ༢༠༠༥ ལོ་ཆབ་མདོ་ས་ཁུལ་ཁམས་པའི་རྒྱུ་རྩལ་དུས་ཆེན་ཐེངས་དྲུག་པའི་ཐོག་ལ་ཁོང་གི་བྲིས་པས་ཐང་ཀ་ཨང་དང་པོ་ཐོབ།   དེ་ནས་ད་ལོའི་བར་རྒྱལ་ཁབ་ལྗོངས་ཁམས་ཁུལ་སོགས་ནས་ཕུལ་བྱུང་གཟི་བརྗིད་མཚན་སྙན་དང་རིམ་པ་འདྲ་མིན་གྱིས་དཔེ་བཟང་སུམ་ཅུ་ལྷག་ཐོབ།     ༢༠༡༥ལོ་ཆབ་མདོ་གྲོང་ཁྱེར་གཙང་གསུམ་ཇ་རྟའི་དུས་ཆེན་ཐེངས་དང་པོའི་སྐབས་ཨང་དང་པོ་ཐོབ་པ་མ་ཟད་ལོ་དེར་ལྷ་སར་འཚོགས་པའི་རྒྱལ་སྤྱི་ཡུལ་སྐོར་དངོས་རྫས་འགྲེམས་སྟོན་དང་སྐབས་གཉིས་པ་ཀྲུང་གོ་ཐང་ཀའི་རྒྱུ་རྩལ་དུས་ཆེན་ཐེངས་གཉིས་པའི་ཐོག་ཨང་དང་པོའི་དང་པོ་གསེར་གྱི་རྟགས་མ་ཐོབ།      ༢༠༡༤ རྒྱལ་ཡོངས་ཀྲུང་ཧཱ་བུ་ཕྲུག་ཕུལ་བྱུང་གཟེང་རྟགས་ཐོབ།  ༢༠༡༤ སྐབས་བཅུ་པ་བོད་ལྗོངས་ལྔ་བཞི་གཞོན་ནུའི་བྱ་དགའ་སོགས་ཐོབ།    ༣༽ ལས་འགན་ནི།    ད་སྐབས་བོད་ལྗོངས་ན་གཞོན་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་མི།   ཆབ་མདོ་གྲོང་ཁྲེར་མཛེས་རྩལ་མཐུན་ཚོགས་ཀྱི་ལས་འཛིན་གཞོན་པ།  ཆབ་མདོ་གྲོང་ཁྱེར་ན་གཞོན་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་མི།  ཆབ་མདོ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་འཐུས་མི།   ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་ཡན་ལག་སློབ་གྲྭའི་དགེ་རྒན།   ཆབ་མདོ་གྲོང་ཁྱེར་རིམ་པའི་བྱིའུ་སྒང་ཐང་ཀའི་བརྒྱུད་འཛིན་པ།  རི་བོ་ཆེ་རྫོང་སྲིད་གྲོས་ཀྱི་འ་ཨུ་ཡོན།   རི་བོ་ཆེ་རྫོང་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ།    རི་བོ་ཆེ་རྫོང་ན་གཞོན་ལས་གཞི་གསར་གཏོད་ཀྱི་འགན་འཛིན།  རི་བོ་ཆེ་རྫོང་གྲགས་བསྟན་མི་རིགས་རིག་གནས་ལག་ཤེས་བཟོ་ཚོང་འགན་འཁྲི་སྤྱི་གཉེར་ཁང་གི་སྤྱི་གཉེར་བ།    བྱིའུ་སྒང་ཐང་ཁ་སྒྱུ་རྩལ་གླིང་གི་དབུ་མཛད་ཆེན་མོ་བཅས་ཡིན།   ༤༽  དགེ་ཕྲུག་གསོ་སྐྱོང་བྱེད་ལུགས།    མིག་སྔར་དགེ་ཕྲུག་བརྒྱ་ཡས་མས་གསོ་སྐྱོང་བྱས་ཟིན་པ་དང་བརྒྱད་བཅུ་ཙམ་གསོ་སྐྱོང་བྱེད་བཞིན་པ་མ་ཚད་སློབ་མ་ཚོའི་ཟས་གོས་སྡོད་གསུམ་ཡོངས་རྫོགས་ཁོང་གི་མཁོ་འདོན་གནང་གི་ཡོད་པ་མ་ཟད་ད་དུང་ལོ་གྲང་ལ་གྲང་ཀ་མེད་པར་སོ་སོའི་ལག་ཤེས་ཡར་རྒྱས་ཡོད་ན་ལག་ཤེས་ལ་དཔག་པའི་བླ་ཆ་སྤྲད་ནས་ལག་ཤེས་ཡར་རྒྱས་ཀྱི་བསྐུལ་འདེད་བཏང་ཞིང་ལག་ཤེས་མཐར་ཕྱིན་མཁན་ཚོ་ཁོང་གི་སྤྱི་གཉེར་ཁང་ནང་མུ་མཐུད་བསྡད་ན་སྤྱི་ཚོགས་ཁྲོད་ཀྱི་བླ་ཆ་ལྟར་བྱེད་ནས་འདུག་ཆོག་གི་ཡོད།   ༥༽  ལས་ཀའི་རྣམ་གྲངས།   སྤྱི་གཉེར་ཁང་ནས་ཐང་ཀ་དང་ཟང་སྐུ་བརྡུང་བླུགས་གསེར་དངུལ་གྱི་བཀའ་བསྟན་ཡི་གེ་ལག་བྲིས་བྱེད་པ་ཁང་པ་མཛེས་བཟོ་སོགས་མདོར་ན་ལས་རིག་སྣ་ཁ་བཅུ་ཙམ་ཐོན་བསྐྱེད་བྱེད་བཞིན་པ་བཅས་སོ།   ༦༽ གསལ་བཤད།     ད་སྐབས་ཏང་གི་སྲིད་ཇུས་བཟང་པོའི་གོ་སྐབས་དམ་འཛིན་གྱི་ངེད་སྤྱི་གཉེར་ཁང་ནས་དུས་རབས་༡༣ པའི་ཁམས་པའི་ལག་ཤེས་ཀྱི་འབྱུང་ཁུང་ལྟ་བུ་རི་བོ་ཆེ་ཁྲ་འཁྱིལ་མ་དགོན་པའི་རིགས་གནས་ལས་ཤེས་ཉམས་གསོ་རྒྱུན་འཛིན་དར་སྤེལ་གང་ཐུབ་བྱེད་བཞིན་པ་ཡིན།    དཔེ་མཚོན་ཙམ་དྲང་ན།    བལ་ཚུགས་དང་བྱིའུ་སྒང་ཐང་ཁ་འདི་ཉམས་བཟོས་ནས་ད་སྐབས་གཟེངས་སུ་ཐོན་པའི་དཔང་ཡིག་དང་བརྒྱུད་འཛིན་ལག་ཁྱེར་ཐོབ་ནས་རྒྱལ་ཕྱི་ནང་ཀུན་ཏུ་མིག་གི་དགའ་སྟོན་ཕུལ་བ་འདི་དང་།    གསེར་དངུལ་ཡིག་བྲིས་འདི་ནི་རྒན་ཆེན་མོ་བ་ཐུབ་བསྟན་ཕུན་ཚོགས་ནས་ཁོང་རྒན་ཡོལ་མ་ཞུས་གོང་ལ་འདི་ལྟ་བུའི་གནའ་དཔེ་ནང་བཞིན་སྤུས་ལེགས་ཉམས་གསོ་བཟོ་བ་མཐོང་རྒྱུ་ཡོད་པ་འདི་དཔེ་མེད་ཡག་པོ་ཡིན་གསུང་ནས་ཐུགས་ཧ་ཅང་དགྱེས་ཚོར་མཛད།   གཞན་མཁས་དབང་མང་པོའི་བསྔགས་པའི་མེ་ཏོག་འཐོར་བ་འདི་ཚོ་གཙོར་བྱས་པའི་གཟེངས་སུ་ཐོན་པའི་ཐོན་རྫས་མང་པོ་ཡོད།   ལན་དང་རྣམ་སྨིན་གང་ལ་ཡང་མི་རེ་བར་བོད་མི་རིགས་དང་རི་བོ་ཆེའི་ཁྱད་ཆོས་ལྡན་པའི་ཐུན་མོངས་མ་ཡིན་པའི་ལག་ཤེས་དང་རིག་གནས་རྒྱན་འཛིན་དར་རྒྱས་ཀྱི་ལྷག་བསམ་ཁོ་ན་ལས་འཁྲུང་པའི་གྲུབ་འབྲས་འདི་ནི་སྤྱི་ཚོགས་འདི་དང་ལྷག་དུ་ཡུལ་སྡེ་འདིས་མིག་དཔེ་བལྟ་སའི་དཔེ་མཚོན་བཟང་པོ་ཞིག་སྟེ།   ད་ཆ་ཁོང་ནི་རྒྱལ་ཡོངས་ནས་ཆེས་འགུལ་ཤུགས་ཆེ་ཤོས་ཀྱི་ན་གཞོན་ཤེས་ལྡན་ལག་རྩལ་བ་ཞིག་སྟེ་ཁོང་གི་བརྩམས་ཆོས་ནི་རྒྱལ་ཕྱི་ནང་མི་དམངས་རྣམས་ལ་མིག་གི་དགའ་སྟོན་དུ་ཕུལ་དང་འབུལ་བཞིན་

དཔྱད་མཆན་སྤེལ།

Close Menu