རྨུ་ཐག་སྐྱ་བོ།

དཔྱིད་སྨྱུག   མགོ་ལོག

བགྲེས་པོའི་ངག་ནས་ཨ་ཚ་འཆོར་ས་རུ།།
བྱིས་པའི་སེམས་ན་སྐྲག་འདར་ལྷུང་ས་ན།།
བོད་མའི་སེམས་པ་ཁྲག་གིས་རློན་པའི་དུས།།
རྒྱང་རིང་ཉི་འོད་གྲོགས་སུ་འཆར་ལ་ཉེ།།
སྤུན་ཟླས་ཤ་ཁྲག་གངས་ལ་འབུལ་བའི་དུས།།
བོད་མིའི་སེམས་ཀྱི་གསང་མདུད་གྲོལ་བའི་དུས།།
ཚོར་བའི་མིག་ཆུ་དབྱངས་ལ་འདྲེས་སོང་བས།།
རྒྱང་བཞུད་ལྷ་མོ་བཟི་ནའང་བཟི་རུ་ཆུགས།།
ཞོཊ་པའི་མཁའ་དབྱུཊ་རྡུལ་གྱིས་ཟོས་པའི་དུས།།
ཉི་མའི་འོད་སྣང་སྤྲིན་ལ་འདྲེས་པའི་དུས།།
མེ་ཏོག་ཐང་དུ་སད་སེར་ལྷུང་སོང་བས།།
ང་ཡི་མི་རིགས་རེ་བའི་ཀློང་ན་ཡོད།།
ཇག་རྐུན་ཚོཊ་ཀྱིས་ཁྱིམ་གཞིས་འཇོམས་པའི་དུས།།
ཨ་ཕའི་ཟུངས་ཁྲག་སྲིན་པོས་འཇིམ་པའི་དུས།།
སེམས་ཀྱི་ཕྱི་ནང་འཁྱགས་ལ་འབྱར་སོང་བས།།
དབྱར་ཟླ་ཚེས་པའི་རེ་འདུན་སྙིང་ལ་ཟབ།།
སྲིན་པོ་དཔུང་གི་སྨྱོ་གར་འཁྲབ་པའི་དུས།།
ཉམ་ཆུང་གདོང་ལ་འཇམ་ལྕགས་གཞུ་བའི་དུས།།
ཚོར་བའི་རྨ་ཁ་སྔར་ལས་ཁྲོས་སོང་བས།།
སྡུག་གི་སྣ་གླུ་མྱ་ངན་ཐང་ནས་ལེན།།
དེ་ཕྱིར་ཁ་སེམས་བོད་པ་དཀར་བའི་མིས།།
ཁ་བའི་དཔྱང་ཐག་ཆད་ལ་ཉེ་བའི་སྐབས།།
མེད་ཁྲག་དྲོད་མོའི་རྒྱུད་པ་འཛིན་འདོད་ན།།
རང་ཚུགས་བརྟན་པོ་བཟུང་ཤིག་ཨ་མའི་བུ།།

༢༠༡༧/༧/༡༥ཉིན་རྨ་ལྷོ་རུ་གྲུབ།

དཔྱད་མཆན་སྤེལ།

Close Menu